འཇིག་རྟེན་མཁའ་སྐྱོད་རིག་གནས་ཉམས་ལེན་བྱེད། འཇིག་རྟེན་མཁའ་སྐྱོད་ཕུགས་འདུན་མཉམ་དུ་གཏོད།
ཉེ་ཆར། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“དུས་རབས་གསར་པའི་རུ་མི་ཡག་པོ་བྱེད”ཅེས་པའི་ལོ་ཆུང་གདོང་ལེན་རུ་མི་དང་མི་བཞུགས་འཇིག་རྟེན་མཁའ་སྐྱོད་ངོ་ཐུག་གདོང་འཕྲད་ཀྱི་བྱེད་སྒོ་ཧའེ་ནན་དུ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོ་ནས་ཡོང་བའི་ལོ་ཆུང་གདོང་ལེན་རུ་མི་ཚོས་ཝུན་ཁྲང་འཇིག་རྟེན་མཁའ་སྐྱོད་འཕེན་གཏོང་བྱ་ཡུལ་དུ་མེ་ཤུགས་འཕུར་མདའ་དབོར་བར་ལྟ་སྐོར་དང་། ཆུའི་མེ་ཤུགས་འཕུར་མདའ་བཟོ་བ། ཡོན་ཧྲིའི་ཚན་རིག་ཁྱབ་གདལ་འཆད་ཁྲིད་ལ་ཉན་པ་སོགས་རྣམ་པ་སྣ་ཚོགས་ཀྱི་འཇིག་རྟེན་མཁའ་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ། འཇིག་རྟེན་མཁའ་སྐྱོད་རིག་གནས་ཉམས་ལེན་དང་ཚན་རིག་གི་བསམ་བློ་གཏོང་སྟངས་གསོ་སྐྱོང་བྱས་ནས་སེམས་སུ་འཇིག་རྟེན་མཁའ་སྐྱོད་ཕུགས་འདུན་གྱི་བག་ཆགས་བཞག་པ་རེད།
འདི་ནི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ཝུན་ཁྲང་འཇིག་རྟེན་མཁའ་སྐྱོད་འཕེན་གཏོང་བྱ་ཡུལ་དུ་མཉམ་པར་རྒྱག་བཞིན་པ།