ཧྲང་ཧའེ་ཡིས་ལྕགས་ལམ་ཉམས་གསོ་བྱས་ནས་ དཔྱིད་གསར་གྱི་སྐྱེལ་འདྲེན་ལ་གྲ་སྒྲིག་བྱེད་པ།
ཉེ་ཆར། ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཧྲང་ཧའེ་ལྕགས་ལམ་ཉམས་གསོའི་ལས་མིས་ཧྲང་ཧའེ་ཧུང་ཆའོ་ཟམ་པའི་འབབ་ཚུགས་ཁུལ་དུ་རིང་ཚད་ལ་སྨི་500ཡོད་པའི་ལྕགས་ལམ་བརྗེས་ཤིང་། འཁོར་ལམ་རྙིང་པ་གཤིག་པ་ནས་འཁོར་ལམ་གསར་པ་བརྗེ་བ་དང་དེ་ནས་ཚ་ལ་རྒྱག་པའི་བར་གྱི་ལས་རིམ་ཁག་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྒྲུབས་ཏེ་འཆར་ལ་ཉེ་བའི་དཔྱིད་གསར་སྐྱེལ་འདྲེན་རིང་མེ་འཁོར་བདེ་འཇགས་ངང་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད།
འདི་ནི་བཟོ་པས་ལྕགས་ལམ་གྱི་ལྷུ་ལག་སྒྲིག་སྦྱོར་བྱེད་བཞིན་པ།