དབུ་ཤོག>པར་མཛོད།
  • ལྷུན་གྲུབ་རྫོང་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་རྩེད་འཇོར་རོལ་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-17

    ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་ཁྲུང་ཁྲུང་སྐེ་ནག་འཚོ་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་སྟེ། ཕྱོགས་གཅིག་ནས་དུས་བཀག་ལྟར་ནགས་ཚལ་དང་། རྩྭ་ཐང་། འདམ་རའི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོང་གི་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། ཕྱོགས་མང་པོའི་སྲུང་སྐྱོང་འོག་ལྷུན་གྲུབ་རྫོང་གི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་འཕར་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

    འདི་ནི་ལྷུན་གྲུབ་རྫོང་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་རྩེད་འཇོར་རོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།