དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བོད་ཀྱི་ལོ་གསར་སྤྲོ་ཚོགས་སུ་ཡིད་དབང་འཕྲོག་པའི་མི་རིགས་རིག་གནས་ཀྱི་ཉམས་བཟང་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

    ཟླ་1ཚེས་13ཉིན་གྱི་དགོང་མོར་ཁྲེང་ཏུའུ་རུ་2024ལོའི་ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཤིང་འབྲུག་ལོའི་ལོ་གསར་གྱི་སྤྲོ་ཚོགས《གཡུ་འབྲུག་དགྱེས་སྟོན》བརྙན་ཕབ་བྱས་ཤིང་། སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནས་ཡོང་བའི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་400ལྷག་ཙམ་དང་འཁྲབ་སྟོན་ཚོགས་པས་ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལེ་ཚན་ཁག་31འཁྲབ་ཅིང་། སྒོར་གཞས་དང་། འབའ་གཞས། འབྲོག་ཁུལ་གྱི་ཞབས་བྲོ་སོགས་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་མིག་ཡིད་ཀྱི་སྟོན་མོ་བཤམས་པ་རེད།

    སྤྲོ་ཚོགས་དེ་2024ལོའི་ཟླ་2ཚེས་10ཉིན(བོད་ཀྱི་ལོ་གསར་ཚེས་གཅིག་ཉིན)ཁམས་པའི་བརྙན་འཕྲིན་གྱི་འཕྲིན་ལམ་ནས་གཏོང་རྒྱུ་རེད།



    པར་གསུམ་པོ་ནི་འཁྲབ་སྟོན་པས་བོད་ཤིང་འབྲུག་ལོའི་ལོ་གསར་སྤྲོ་ཚོགས་ཀྱི་བརྙན་ཕབ་བྱ་ཡུལ་དུ་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།