དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • “རྩྭ་ཐང་དང་གློག་གོ་ཉིས་ཆོད”ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-14

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་བོད་ལྗོངས་ཧྭ་གློག་གི་ཀྲའོ་ཝ་བརྒྱ་ཟིན་པའི“རྩྭ་ཐང་དང་གློག་གོ་ཉིས་ཆོད”ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་སྐྲུན་པར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་གཏེར་ལས་དཔལ་འབྱོར་འཕེལ་རྒྱས་དང་ནུས་རྒྱུ་འཛད་སྤྱོད་ཀྱི་ཁྲོམ་རར་དམིགས་ནས་མ་དངུལ་སྒོར་དུང་ཕྱུར་བཅོ་ལྔ་བཏང་སྟེ་འོད་ཤུགས་གློག་གཏོང་རྣམ་གྲངས་ཁག་གཅིག་བསྐྲུན་པ་རེད། འོད་ཤུགས་རྣམ་གྲངས་དེ་དག་ཚང་མས“རྩྭ་ཐང་དང་གློག་གོ་ཉིས་ཆོད”ཀྱི་གསར་སྤེལ་བྱེད་སྟངས་སྤྱད་དེ་ས་ཆའི་ཐོན་ཁུངས་ཕན་འབྲས་ཆེན་པོས་སྤྱོད་ཐུབ་པར་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།