དབུ་ཤོག>པར་མཛོད།>པར་མཁན།
  • “མངོན་མིན་རིག་གནས་ཤུལ་བཞག”སློབ་གྲྭའི་ལུས་རྩལ་རྣམ་གྲངས་སུ་བསྒྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-14

    འདི་ནི་ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་སྤྱི་ཁྱབ་པུའུ་རུ་སློབ་མས་སློབ་གསེང་ལ་ཚོན་བྲོ་འཁྲབ་བཞིན་པ།

    འདི་ནི་ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་སྤྱི་ཁྱབ་པུའུ་རུ་སློབ་མས་སློབ་གསེང་ལ་ཚོན་བྲོ་འཁྲབ་བཞིན་པ།

    འདི་ནི་ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་སྤྱི་ཁྱབ་པུའུ་རུ་ཞབས་བྲོའི་དགེ་རྒན་ཆིན་ཚའེ་ཧྭ་ཡིས་སློབ་མ་རྣམས་ལ་གསར་དུ་སྒྲིག་བཟོ་བྱས་པའི་ཚོན་བྲོའི་རྒྱང་བསྒྲགས་ལུས་རྩལ་སློབ་བཞིན་པ།


    ཀོང་ཤིས་ལིའུ་ཀྲོའུ་ཡི་ལིའུ་ཁྲེང་རྫོང་དུ་ཚོན་བྲོ་ནི་ས་ཆ་དེའི་སྲོལ་རྒྱུན་གྱི་ཟློས་གར་ཞིག་ཡིན་ལ་2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་གྲས་སུ་བཅུག་ཡོད། ལིའུ་ཁྲེང་རྫོང་ནི་ཀོང་ཤིས་སུ་སྐད་གྲགས་ཆོད་པའི“ཚོན་བྲོའི་ཕ་ཡུལ”ཡིན་ལ་ལིའུ་ཁྲེང་གི་ཚོན་བྲོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པར་བརྟེན། ཀོང་ཤིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་བདམས་པ་རེད།

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་སྤྱི་ཁྱབ་པུའུ་རུ་སློབ་གསེང་ལུས་སྦྱོང་གི་དྲིལ་བརྡ་གྲགས་མ་ཐག་སྤྲོ་སྐྱིད་ཀྱི་རོལ་དབྱངས་དང་བསྟུན་ནས་སློབ་མ་1300ལྷག་ཙམ་གྱིས་ལག་ཏུ་རླུང་གཡབ་ཐོགས་པ་དང་རྐང་པའི་སྟངས་སྟབས་སྒྱུར་བཞིན་ཚོན་བྲོ་འཁྲབ་འགོ་ཚུགས། “འདི་ནི་ང་ཚོས་ཚོན་བྲོ《སྒོ་མོ་བཞི་ནས་མེ་ཏོག་སྒྲུག་པ》ཞེས་པ་གཞིར་བཟུང་ནས་སྒྲིག་བཟོ་བྱས་པའི་ཚོན་བྲོའི་རྒྱང་བསྒྲགས་ལུས་སྦྱོང་ཡིན”ཞེས་ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ལུའོ་ལིན་གྱིས་ངོ་སྤྲོད་བྱས།

    ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་གིས་ཚོན་བྲོའི་འཁྲབ་ཚན་ཁག་གཅིག་སྦྱོང་སླ་བའི་སློབ་རའི་རྒྱང་བསྒྲགས་ལུས་སྦྱོང་དུ་བཟོས་ནས་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་ཆབས་ཅིག་སློབ་མ་ཚོར་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། “རྒྱུན་འཛིན་བྱེད་ཞོར་གསར་གཏོད་དང་། སྲུང་སྐྱོང་བྱེད་པ་དང་དུས་མཚུངས་སུ་དེང་རབས་ཞབས་བྲོའི་གཞི་རྒྱུ་ཁག་གཅིག་ཀྱང་དེའི་ནང་བསྲེས་ཡོད”ཅེས་ལིའུ་ཁྲེང་རྫོང་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ཆིན་ཚའེ་ཧྭ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།