བོད་ཀྱི་ཕན་བདེ་ཁང་གི་བྱམས་ལྡན་སྐྱེད་མ་དང་ ཁོང་ཚོའི“བདེ་སྐྱིད་ལྡན་པའི་ཁྱིམ་ཚང”
འདི་ནི་ཟླ་1ཚེས་8ཉིན་བྱམས་ལྡན་སྐྱེད་མ་བསྟན་འཛིན་སྒྲོལ་མས་གྲོ་སོ་ཕྱེ་མར་སྒྲིག་བཞིན་པ།
འདི་ནི་ཟླ་1ཚེས་8ཉིན“བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་ཕྲུ་གུ་ཚོས་ཀེག་ཟ་བཞིན་པ།
བོད་ཟླ་12པའི་ཚེས་1ཉིན(སྤྱི་ཟླ་1པོའི་ཚེས་12ཉིན)ནི་བོད་ཀྱི་གཞིས་རྩེའི་ཁུལ་གྱི་སོ་ནམ་ལོ་གསར་རེད། ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པའི་སྒོ་རའི་ནང་ལོ་44ལ་སླེབས་པའི་བྱམས་ལྡན་སྐྱེད་མ་པ་སངས་ལས་བྲེལ་ཤིན་ཏུ་ཆེ།
ཟླ་དང་པོར་གཞིས་རྩེར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། དྲོ་སྐྱིད་ལྡན་པའི་ཁང་པའི་ནང་དུ་བྱམས་ལྡན་སྐྱེད་མ་གཉིས་ཀྱིས་སྔ་ས་ནས་གྲོ་སོ་ཕྱེ་མར་བསྒྲིགས་ནས་ལོ་གསར་གྱི་གྲ་སྒྲིག་ཨང་བསར་བྱས་འདུག ལོ་གསར་གྱི་སྨོན་འདུན་གླེང་སྐབས་པ་སངས་ཀྱིས“ངའི་ཕྲུ་གུ་རྣམས་ནད་མེད་ཚེ་རིང་བྱུང་ནས་སྤྱི་ཚོགས་ལ་གོ་ཆོད་པའི་མི་ཞིག་ཏུ་འགྱུར་བར་ཤོག”ཅེས་བརྗོད་པ་རེད།