དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • དྲོ་སྐྱིད་ལྡན་པའི་ལས་ཞུགས་ཐབས་ལམ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-08

    དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགྲན་ནུས་སྔར་བས་ཆེ་རུ་དང་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་མཐོར་གཏོང་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ནས། ལས་ཞུགས་མི་སྣའི་རང་ངོས་ཀྱི་ཁྱད་ཆོས་དང་ཁྲོམ་རའི་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་རིགས་དབྱེ་གསོ་སྦྱོང་དང་། ཁག་བགོས་མཛུབ་ཁྲིད། རྗེས་སྙེག་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་པ་མ་ཟད། དམིགས་སའི་རང་བཞིན་ཆེ་བ་དང་ཕན་འབྲས་ཐོན་མགྱོགས་པའི་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་བྱས་པ་དང་། དབང་པོ་སྐྱོན་ཅན་གྱི་རང་ངོས་འཕེལ་རྒྱས་གཏོང་ནུས་མཐོ་རུ་རྒྱུན་མཐུད་བཏང་སྟེ་དབང་པོ་སྐྱོན་ཅན་སྤུས་ཚད་དེ་བས་མཐོན་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་བཏང་ཡོད།

    འདི་ནི་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་ལ་ཕྱོགས་པའི་གྱོན་གོས་འཚེམ་བཟོའི་ལས་ཞུགས་རྩལ་ནུས་མཛུབ་ཁྲིད་གསོ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།