དབུ་ཤོག>པར་མཛོད།>པར་མཁན།
  • ཀྲུང་གོའི་ས་གཞི་ཆེན་པོའི་དགུན་དུས་ཀྱི་མཛེས་ལྗོངས་ལྟ་ན་སྡུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-03

    གྲང་ངར་ཆེ་བའི་དགུན་ཁར་ཀྲུང་གོའི་ས་གཞི་ཆེན་པོ་རབ་དཀར་ཁ་བས་བཀླུབས་ནས་དངུལ་དཀར་གྱི་འཇིག་རྟེན་དུ་གྱུར་པ་དང་ལྟ་ན་སྡུག་པའི་མཛེས་ལྗོངས་ལས་མི་རྣམས་ཀྱི་ཡིད་ལ་ཀུན་རྟོག་གི་རི་མོ་ཅི་ཡང་འཆར་གྱི་ཡོད། འདི་ནི་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིང་ཧྲ་རི་བོའི་ཟླ་ཕྱེད་གཟུགས་ཀྱི་ཆུ་མིག་གི་མཛེས་ལྗོངས་ཡིན་པ།

    འདི་ནི་ཡུལ་སྐོར་བ་ཅང་སུའུ་ཞིང་ཆེན་ལེན་ཡུན་སྒང་གྲོང་ཁྱེར་གྱི་ཧྭ་གོ་ཧྲན་གཡུས་ཉུས་ཧྥུང་རི་བོའི་ཁ་བས་བཀླུབས་པའི་མཛེས་ལྗོངས་ཁྲོད་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ཧོ་པེ་ཞིང་ཆེན་ཆན་ཤིས་རྫོང་གི་ཁ་བས་བཀླུབས་པའི་གནའ་བོའི་ལྕགས་རི་རིང་པོའི་མཛེས་ལྗོངས་ཡིན་པ།

    འདི་ནི་ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཧྥུའུ་ཁང་གྲོང་ཁྱེར་ཐན་ཧྲན་ཐན་ཁྲེ་རྒྱལ་སྤྱིའི་གངས་ཤུད་ར་བར་ཡུལ་སྐོར་བ་གངས་ཤུད་གློད་བཞིན་པ།

    འདི་ནི་རྨ་ཆུའི་ཉིང་ཞ་དུམ་བུའི་དར་ཁ་ཞིག་པའི་རྣམ་པ་ཡིན་པ།

    འདི་ནི་ནང་སོག་ཤིས་ལིན་ཀུའུ་ལེ་མོང་ཤིས་ཝུའུ་ཀྲུའུ་མུའུ་ཤིན་ཆི་ཡི་རྩྭ་ཐང་དུ་ཉི་གུར་ཕུབ་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།