མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ།

འདི་ནི་ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ཝུའུ་དབྱི་གད་སྲུབས་ས་རྒྱུད་ཀྱི་གྲོག་རོང་ཡིན་པ། (2020ལོའི་ཟླ་12ཚེས་1ཉིན་པར་བླངས)

འདི་ནི་ཧུའུ་ནན་ཞིང་ཆེན་ཁྲང་ཉིང་གྲོང་ཁྱེར་སན་ཅའོ་ཐང་གྲོང་རྡལ་དུ་གཙང་སྦྲ་བས་ཧྲ་ཧྲུའེ་གཙང་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ། (2023ལོའི་ཟླ་4ཚེས་5ཉིན་པར་བླངས)

འདི་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཁྲང་ཧྥུང་རྫོང་ཀྲོང་མུ་གྲོང་རྡལ་ཙའོ་ལིན་སྡེ་ཁུལ་དུ་དང་བླངས་པས་གྲོང་མིར་རིག་ནུས་གད་སྙིགས་རིགས་དབྱེ་ཚུར་བསྡུའི་སྒྲིག་ཆས་སྤྱོད་སྟངས་སློབ་བཞིན་པ། (2023ལོའི་ཟླ་9ཚེས་1ཉིན་པར་བླངས)

འདི་ནི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ཝོ་ལུང་ཁུལ་ཁོངས་ནས་པར་བླངས་པའི་དོམ་ཁྲ་ཡིན་པ། (2020ལོའི་ཟླ་4ཚེས་22ཉིན་པར་བླངས)

འདི་ནི་གཙོད་མོ་ཁྱུ་གཅིག་མཚོ་བོད་གཞུང་ལམ་བརྒྱུད་དེ་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བར་འགྲོ་བཞིན་པ། (2023ལོའི་ཟླ་5ཚེས་29ཉིན་པར་བླངས)

འདི་ནི་ཡུལ་སྐོར་བས་པེ་ཅིང་ཐེན་ཐན་སྨོན་ལམ་ཕོ་བྲང་དུ་ལྟ་སྐོར་བྱེད་བཞིན་པ། (2023ལོའི་ཟླ་6ཚེས་9ཉིན་པར་བླངས)

འདི་ནི་ནང་སོག་ཧོར་ལིན་ཀུའོ་ལེ་གྲོང་ཁྱེར་ནས་པར་བླངས་པའི་ཧོར་ལིན་གཙང་པོའི་རྒྱུན་འཁོར་དཔལ་འབྱོར་དཔེ་སྟོན་ལས་གྲྭའི་རླུང་གློག་འོད་ཤུགས་རྟེན་གཞི་ཡིན་པ། (2023ལོའི་ཟླ་2ཚེས་23ཉིན་པར་བླངས)

འདི་ནི་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་ཁྲ་མཇུག་ནག་ཁྱུ་གཅིག་ཕོ་དབྱང་མཚོ་ངོགས་ཀྱི་སྐར་ལྔའི་ཁྲུང་ཁྲུང་དཀར་མོ་སྲུང་སྐྱོང་ཁུལ་དུ་ཅི་དགར་རོལ་བཞིན་པ། (2023ལོའི་ཟླ་3ཚེས་10ཉིན་པར་བླངས)
ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་ལ་ས་གཞི་གཡུ་ཡི་གཅལ་བཏིང་བ་ལྟར་གྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པ་དེས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལ་འཆང་བའི་རེ་སྒུག་མཚོན་ཡོད།
དེ་སྔ་སྨུག་རྡུལ་གྱིས་ཁེངས་པ་ནས་ད་ཆ་དགུང་སྔོན་རྒྱུན་དུ་མཐོང་རྒྱུ་ཡོད་པ་ལས། རང་རྒྱལ་གྱི་མཁའ་རླུང་སྦགས་བཙོག་འགོག་བཅོས་ཀྱི་ཕན་འབྲས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད། ལོ་10ཡི་རིང་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་ཕྲ་རྡུལ(PM2.5)ལོ་རེའི་ཆ་སྙོམས་གར་ཚད་57%ཆག་པ་དང་། སྦགས་བཙོག་ཆེ་བའི་ཉིན་གྲངས་93%ཉུང་དུ་ཕྱིན་པ། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་86.5%ཟིན་ནས་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་སུ་གཏོང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།
དུས་རབས་གསར་པ་ཤར་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞི་རྩའི་ཇུས་ཆེན་ལ་བརྩིས་ཡོད།
ལོ་10ཡི་རིང་། རང་རྒྱལ་གྱིས་ནུས་རྒྱུ་འཛད་སྤྱོད་འཕར་ཚད་ལོ་རེར་ཆ་སྙོམས་3%ལ་བརྟེན་ནས་དཔལ་འབྱོར་ལོ་རེར་ཆ་སྙོམས་6%ལས་འཕར་བར་འདེགས་སྐྱོར་བྱས་པ་དང་། ནུས་རྒྱུ་ཟད་གྲོན་བྱེད་ཚད་རིམ་རྩིས་བྱས་ན་26.4%ཆག་པ་དང་རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་གྲོན་ཆག་མགྱོགས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད།
མི་རྣམས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རྩྭ་རྩི་ཤིང་མང་པོ་བཏབ་ནས་མེས་རྒྱལ་གྱི་ས་གཞི་ཆེ་མོར་སྔོ་ལྗང་གི་གོས་རྒྱན་སྤྲས་ཡོད། རང་རྒྱལ་གྱིས་འཛམ་གླིང་གི་ཁྱབ་ཁོངས་ནང་སྔོན་ལ་ས་ཞིང་ཞན་འགྱུར“མི་འཕར་བ”མངོན་འགྱུར་བྱས་པ་དང་ཐང་རྒོད་ཅན་གྱི་ས་ཞིང་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན“གཉིས་ཆག”མངོན་འགྱུར་བྱས་པ་རེད། རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་24.02%བར་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་དང་མགྱོགས་ཤོས་དང་མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ནས། གོ་ལ་ཧྲིལ་པོའི“ལྗང་གསོའི”གཙོ་ཤུགས་དམག་ཡིན་པ་རེད།
རང་རྒྱལ་གྱིས་གཙང་གསུམ་ཆུ་འགོ་དང་། དོམ་ཁྲ། བྱང་ཤར་གྱི་སྟག་གཟིག ཧའེ་ནན་གྱི་ཚ་བ་ཆེ་ཞིང་ཆར་ཆུ་མང་བའི་ནགས་ཚལ། ཝུའུ་དབྱི་ཧྲན་བཅས་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5བཙུགས་ནས། རྒྱལ་ཁབ་ཀྱི་རྩི་ཤིང་གླིང་གི་མ་ལག་འཛུགས་སྐྱོང་ཐད་གོམ་སྟབས་གལ་ཆེན་སྤོས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ཁག་50ལྷག་ཙམ་ལག་ལེན་བསྟར་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཏན་འཁེལ་བྱས་ནས་སྐམ་སའི་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་སྐམ་སའི་ས་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་བཟུང་ཚད་30%ལས་བརྒལ་ཡོད་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས)