དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་གསར་པ་གཉིས་པ་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-28

    ཟླ་12ཚེས་26ཉིན་གྱི་སྔ་དྲོར་ཁྲེང་ཏུའུ་ནས་འཕུར་ཡོང་བའི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་CA4401ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་གཉིས་པར་བདེ་བླག་ངང་བབས་པས། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དེ་རྒྱལ་ནང་གི་རྒྱུག་ལམ་ཉིས་གཤིབ་ཀྱི“ས་མཐོའི”གནམ་ཐང་དང་པོར་གྱུར་པ་དང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་གཉིས་པ་2022ལོའི་ཟླ་4ཚེས་26ཉིན་སྐྲུན་འགོ་ཚུགས་པ་དང་2023ལོའི་ཟླ་12ཚེས་12ཉིན་ཞིབ་བཤེར་རྩིས་ལེན་བྱས་པ་རེད། འདི་ནི་ཟླ་12ཚེས་26ཉིན་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་གསར་པ་གཉིས་པར་གནམ་གྲུ་ཐོག་མ་བབས་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།