སྒྲ་སྙན་བཟོ་བའི་ལག་རྩལ་རྒྱུན་འཛིན་ཧུར་ཐག་བྱེད་པ།
སྒྲ་སྙན་ནི་བོད་ཀྱི་སྲོལ་རྒྱུན་གླུ་གར་སྟོད་གཞས་ལ་རྒྱུན་དུ་དཀྲོལ་གཏོང་བྱེད་པའི་རོལ་ཆ་ཞིག་ཡིན་ཞིང་། བོད་དུ་སྒྲ་སྙན་ལ་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད། 2014ལོར“སྒྲ་སྙན་བཟོ་བའི་ལག་རྩལ”རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཁག་བཞི་པའི་མིང་གཞུང་ལ་ཚུད་པ་རེད། འདི་ནི་ལྷུན་གྲུབ་རྫོང་ཚངས་སྲས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་ཤེས་བཟོ་པ་ཚེ་དབང་གིས་སྒྲ་སྙན་བཟོ་བཞིན་པ།