དབུ་ཤོག>པར་མཛོད།
  • སྲིད་དོན་ཞབས་འདེགས་ལས་བློ་སེམས་གཅིག་ཏུ་མཐུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-27

    ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་ཆེད། འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་བློ་ཡིད་ཚིམ་མིན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཤན་འབྱེད་པའི་གཞི་རྩའི་ཚད་གཞིར་བརྩིས་ཏེ“བྱེད་ཕོད་པ་བཞིའི”བླང་བྱ་དོན་འཁྱོལ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས་དོན་དག་སྒྲུབ་མཁན་མང་ཚོགས་དང་ཁེ་ལས་ཀྱི་དཀའ་ངལ་ལ་དམིགས་ཏེ་སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་བས། མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འདི་ནི་མཐའ་མཚམས་ལམ་ཡིག་སྒྲུབ་གཉེར་སྐར་ཁུང་དུ་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་མཐའ་མཚམས་ལམ་ཡིག་གཉེར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།