ཟླ་12ཚེས་25ཉིན་ནས་ཅི་ཧྲི་ཧྲན་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་རྗེས་གཉིས་མཐུད་ངང་སློབ་ཁྲིད་སླར་གསོ་བྱུང་བ།
འདི་ནི་ཟླ་12ཚེས་25ཉིན་ཅི་ཧྲི་ཧྲན་རྫོང་ལིའུ་ཀོའུ་ཤང་དབྱང་ཧྲན་རེ་བའི་སློབ་ཆུང་གི་སློབ་མ་ཚོ་སློབ་ཁྲིད་སླར་གསོ་བྱུང་བའི་ཉིན་དང་པོར་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་བཞིན་པ།
འདི་ནི་ཟླ་12ཚེས་25ཉིན་ལིའུ་ཀོའུ་ཤང་ཞེ་ཐའོ་གྲོང་ཚོའི་གནས་སྐབས་སློབ་ཁྲིད་ས་ཚིགས་ཤིག་ཏུ་དགེ་རྒན་གྱིས་གུར་ནང་སློབ་མ་ཚོར་སེམས་ཁམས་ཟུར་ཁྲིད་བྱེད་བཞིན་པ།
འདི་ནི་ཟླ་12ཚེས་25ཉིན་ཅི་ཧྲི་ཧྲན་རྫོང་ལིའུ་ཀོའུ་ཤང་དབྱང་ཧྲན་རེ་བའི་སློབ་ཆུང་གི་སློབ་མ་ཚོ་སློབ་གསེང་དུ་རོལ་རྩེད་རྩེ་བཞིན་པ།
ཚེས་25ཉིན་གྱི་ཆུ་ཚོད་9པར། ཅི་ཧྲི་ཧྲན་རྫོང་ལིའུ་ཀོའུ་ཤང་དབྱང་ཧྲན་རེ་བའི་སློབ་ཆུང་དུ་སློབ་ཁྲིད་སླར་གསོ་བྱུང་རྗེས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དགེ་སློབ་ཚོའི་མདུན་དུ་དལ་བུར་བསྒྲེངས། གསར་འགོད་པར་ཅི་ཧྲི་ཧྲན་རྫོང་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་25ཉིན་ནས་བཟུང་། ཅི་ཧྲི་ཧྲན་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་རྗེས་གཉིས་མཐུད་ངང་སློབ་ཁྲིད་སླར་གསོ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་བཞི་པ་སྟེ་ཟླ་12ཚེས་22ཉིན་ཅི་ཧྲི་ཧྲན་རྫོང་གི་མཐོ་འབྲིང་སློབ་མ་4900ལྷག་ཙམ་དྲ་ཐོག་ནས་སློབ་ཁྲིད་སླར་གསོ་ཐུབ་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།