བོད་བྱང་ཐང་གི་འབྲོག་ལས་ཐོན་རྫས་གནའ་གྲོང་དུ་བྲིན་ཁ་རྒྱུག་པ།
འདི་ནི་འཛད་སྤྱོད་པས་ཚོང་འདུས་ནས་ཐོན་རྫས་འདེམས་བཞིན་པ།
ཟླ་12ཚེས་22ནས་24ཉིན་བར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཞིང་ལས་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་ཚོགས་འདུ་དང་དབུས་རྒྱུད་རྫོང་དང་ཆུས་བཞི་ཡི་འབྲོག་ལས་ཐོན་རྫས་མཐུན་སྦྱོར་འཕེལ་རྒྱས་ཚོང་འདུས་ལྷ་སའི་གྲོང་བྱང་གནམ་ས་གསར་པའི་ཉོ་སྒྲུབ་ལྟེ་གནས་ཐང་ཆེན་དུ་འཚོགས་ཤིང་། ད་རེས་ཀྱི་ཚོང་འདུས་ཐོག་ནག་ཆུའི་སྤུས་ལེགས་ཀྱི་འབྲོག་ལས་ཐོན་རྫས་འགྲེམས་ཚོང་བྱས་པའི་ནང་ཁེ་ལས་དང་མཉམ་ལས་ཁང་53ཞུགས་ཡོད།