དབུ་ཤོག>པར་མཛོད།
  • དྲོད་གཏོང་ལས་དོན་འགན་ལེན་ཧུར་ཐག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་གཅིག་སྡུད་དྲོད་གཏོང་ཁྲོ་ཐབ་འཁོར་ཁང་གི་ལས་དོན་པས་དྲོད་གཏོང་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་གཅིག་སྡུད་དྲོད་གཏོང་ཁྲོ་ཐབ་འཁོར་ཁང་གི་ལས་དོན་པས་ཁྲོ་ཐབ་ཁང་གི་གཉེར་སྐྱོང་ཚོད་འཛིན་མ་ལག་ལ་ཞིབ་བཤེར་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་གྱི་འདི་ལོའི་གཅིག་སྡུད་དྲོད་གཏོང་དུས་ཚོད་ཟླ་11ཚེས་15ཉིན་ནས་ཕྱི་ལོའི་ཟླ་3ཚེས་15ཉིན་བར་རེད། མིག་སྔར། ལྷ་ས་སེམས་དྲོད་ཀུང་སིས་གྲོང་ཁྱེར་ཡོངས་ཀྱི་ཚན་པ་112ཀྱི་ཁྲོ་ཐབ་འཁོར་ཁང་118ལ་བཀོལ་སྤྱོད་བདག་སྐྱོང་དོ་དམ་བྱེད་བཞིན་ཡོད། ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་གཅིག་སྡུད་དྲོད་རླངས་ཁྲོ་ཐབ་འཁོར་ཁང་ནི་ཁྲོ་ཐབ་འཁོར་ཁང་ཆེ་ཤོས་ཀྱི་གྲས་ཤིག་རེད། དྲོད་རླངས་མཁོ་འདོན་དུས་ཚིགས་སུ་དྲོད་གཏོང་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་ས་སེམས་དྲོད་ཀུང་སིས་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་གྱིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཁྲོ་ཐབ་གློག་གཏོང་མ་ལག་དང་། དྲོད་རླངས་གཏོང་བའི་མ་ལག ཆུ་སྤྱོད་མ་ལག་བཅས་ལ་སྲུང་སྐྱོང་དང་། ཞིབ་བཤེར་བཟོ་བཅོས། ཉམས་བཟོ་བཅས་བྱས་ནས་གྲོང་མིའི་སོལ་རླངས་སྤྱོད་པའི་དགོས་མཁོ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།