རི་རྩེར་སྐོར་གཡེང་བྱེད་བཞིན་པ།
རི་ཚོགས་ཀྱིས་བསྐོར་བའི་སྐྱིད་གྲོང་དུ་དམག་ཆས་ལྗང་ཁྲ་གྱོན་པའི་དཔུང་སྡེ་ཞིག་གིས་དཀའ་ཚེགས་ཆེན་པོས་རི་རྩེར་འཛེག་བཞིན་ཡོད། དེ་ནི་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་སྐོར་གཡེང་བྱེད་བཞིན་ཡོད་པ་རེད། ད་རེས་ཀྱི་སྐོར་གཡེང་ནི་ལན་ཤོག་དཔུང་སྡེ་གནས་ཡུལ་ནས་རི་ཉག་བར་སྐྱོད་དགོས་པས། ས་བབ་ལ་ཧེ་བག་སྨི་2000ལྷག་ཙམ་ཡོད། རི་ཉག་མཐོ་ཞིང་གཡང་གཟར་བས་གང་སར་སྨུག་པ་འཁྲིགས་ཤིང་དུས་རྟག་ཏུ་བུ་ཡུག་འཚུབ་པར་བརྟེན། དཔོན་དམག་ཚོས“རི་རྩེའི་གངས་ལྷ་མེ་ཏོག”ཅེས་གསོན་ཉམས་དོད་པོས་འབོད་ཀྱི་ཡོད། ཆུ་ཚོད་ལྔ་ཙམ་རི་འཛེགས་པ་བརྒྱུད་སྐོར་གཡེང་ཡན་ལག་རུ་ཁག་གཞི་ནས་རི་ཉག་ཏུ་འབྱོར་བ་རེད། འདི་ནི་བོད་སྡོད་དཔུང་སྡེ་ཞིག་གི་སྐོར་གཡེང་རུ་ཁག་གིས་སྐོར་གཡེང་བྱེད་བཞིན་པ།