དབུ་ཤོག>པར་མཛོད།
  • མིག་མངས་འགྲན་བསྡུར་འཁྲུག་ཆ་དོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་མིག་མངས་ཡོངས་བསྒྲགས་འགྲན་བསྡུར་སྐབས་དང་པོ་རྒུ་རུམ་ལྟེ་བའི་སློབ་ཆུང་དུ་བྱས་པ་རེད། འགྲན་བསྡུར་དེ་བྱིས་པའི་ཚོགས་ཆུང་དང་དར་མའི་ཚོགས་ཆུང་གཉིས་སུ་ཕྱེ་ཡོད་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་གྲྭ་དང་ཚན་པ་ཁག་གི་མིག་མངས་ལ་དགའ་པོ་ཡོད་མཁན་མང་པོ་ཞུགས་ཡོད་པ་རེད།

    ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་མཐར་རྒུ་རུམ་ལྟེ་བའི་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ་ཀརྨ་རིན་ཆེན་ལ་བྱིས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། ཚེ་བརྟན་རྡོ་རྗེར་དར་མའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།

    འདི་ནི་བྱིས་པའི་ཚོགས་ཆུང་གི་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།