སྲོག་ཆགས་ལ་གཅེས་སྤྲས།
གངས་བབས་རྗེས་ཧྲེན་དབྱང་ནགས་ཚལ་སྲོག་ཆགས་གླིང་གི་དོམ་ཁྲ་དག་དགུན་གྱི་དྲོ་འཇམ་ཉི་འོད་ཁྲོད་བག་ཕེབས་ངང་འཚོ་བཞིན་ཡོད། འདི་ནི་དོམ་ཁྲ“པིན་ཧྭ”ཧྲེན་དབྱང་ནགས་ཚལ་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་གི་ཕྱི་རོལ་དུ་རྩེད་མོ་རྩེ་བཞིན་པ།
འཁྱགས་གྲོང་ཧར་པིན་གྲོང་ཁྱེར་དུ་ཉེ་ཆར་གངས་ཐེངས་མང་བབས་པ་དང་། ཧེ་ལུང་ཅང་གི་བྱང་ཤར་སྟག་ནགས་ཚལ་གླིང་དུ་བྱང་ཤར་སྟག་གིས་གངས་ཁྲོད་དུ་ཅི་དགར་རོལ་བཞིན་ཡོད། འདི་ནི་ཧེ་ལུང་ཅང་གི་བྱང་ཤར་སྟག་ནགས་ཚལ་གླིང་དུ་འཚོ་བཞིན་པའི་བྱང་ཤར་སྟག་ཡིན་པ།
ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཞིང་ཆེན་གྱིས་རྫིང་བུ་འདམ་རར་སྒྱུར་བ་དང་། ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་འགྲམ་གྱི་གད་སྙིགས་བཅོས་སྐྱོང་། རྩི་ཤིང་གི་སྣ་མང་རང་བཞིན་སླར་གསོ་སོགས་སྐྱེ་ཁམས་སླར་གསོའི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་བས་རང་བྱུང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལོ་ལྟར་དགུན་དུས་སུ་དུས་བྱ་མང་པོ་འདི་གར་ཟས་འཚོལ་བ་དང་རྒྱུད་སྤེལ་བར་ཡོང་གི་ཡོད། འདི་ནི་པུ་ཤུད་གཉིས་ཧྥུའུ་ཀྲོའུ་ཁྲང་ལེ་མིན་ཅང་གཙང་འགྲམ་གྱི་འདམ་རར་ཅི་དགར་རོལ་བཞིན་པ།
ཉེ་ཆར། ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་དང་། ངང་པ་སོགས་དུས་བྱ་མང་པོ་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་མཚོ་འགྲམ་འདམ་རར་བབས་ཏེ་ཟས་འཚོལ་བ་དང་ངལ་གསོ་བའི་རྣམ་པ་ཧ་ཅང་ཉམས་དགའ་བ་ཞིག་ཡོད། འདི་ནི་ཤར་ཕྱོགས་ཁྲུང་ཁྲུང་དཀར་མོས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་མཚོ་འགྲམ་འདམ་རར་ཟས་འཚོལ་བཞིན་པ།