དབུ་ཤོག>པར་མཛོད།>པར་མཁན།
  • ཚེ་མཇུག་བདེ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-15

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གི“སྐད་གཉིས”སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཀྱིས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོར“སྤྲོ་སྣང་ལྡན་པའི་ཚེ་མཇུག་གི་འཚོ་བ་ལོངས་སུ་སྤྱོད”པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། སྤྲོ་འཕེལ་རོལ་རྩེད་སྣ་ཚོགས་བརྩེས་ནས་རྒན་རྒོན་གྱི་བསམ་གཞིག་གི་ནུས་པ་འཕེལ་བ་དང་། གནོན་ཤུགས་ཆུང་དུ་གཏོང་བ། སེམས་ཁམས་ལྷོད་དུ་གཏོང་བ། བདེ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད། སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཀྱིས་རྒན་རྒོན་ཚང་མར་ཁ་དཀྲིས་དང་ཆུ་ཚའི་འགྱིག་ཁུག་རེ་སྤྲད་པ་རེད། འདི་ནི་རྒན་རྒོན་ཚོས་སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པའི་སྣེ་ཁྲིད་འོག་སྤྲོ་འཕེལ་རོལ་རྩེད་རྩེ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།