གྲོང་གསེབ་ཀྱི་ཡུལ་སྐོར་གཞུང་ལམ་བསྐྲུན་ནས་ཤར་གཏོང་ཐུབ་པ།
འདི་ནི་ལྷ་ཡུལ་ཤང་གི་གྲོང་གསེབ་ཀྱི་ཡུལ་སྐོར་གཞུང་ལམ་རྒྱ་སྐྱེད་ལས་གྲྭ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་ལྷ་ཡུལ་ཤང་གི་གྲོང་གསེབ་ཀྱི་ཡུལ་སྐོར་གཞུང་ལམ་ཡིན་པ།
ཟླ་12ཚེས་12ཉིན་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་གྲོང་གསེབ་ཀྱི་ཡུལ་སྐོར་གཞུང་ལམ་རྒྱ་སྐྱེད་ལས་གྲྭ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོར་གཉེར་བ་རེད། གཞུང་ལམ་དེའི་རིང་ཚད་ལ་སྤྱི་ལེ་10.18ཡོད་པ་དང་ལམ་གཞིའི་ཞེང་ཚད་ལ་སྨི་7.5ཡོད་པས་རིམ་གསུམ་གཞུང་ལམ་གྱི་ཁོངས་སུ་གཏོགས་པ་དང་བསྡོམས་མ་དངུལ་སྒོར་ཁྲི་3500བཏང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་གཞུང་ལམ་དེར་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཉེ་འཁོར་གྱི་གྲོང་མི་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག ས་གནས་དེ་གའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་རིན་ཐང་གལ་ཆེན་ལྡན་ཡོད།