ཀྲུའུ་ཆུའེ་ཨང་གཉིས་པ་རྟགས་ཅན་གྱི་རྒྱང་ཚོར་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བདེ་བླག་བྱུང་བ།
ཟླ་12ཚེས་9ཉིན་གྱི་ཆུ་ཚོད་7དང་སྐར་39ལ་ཀྲུའུ་ཆུའེ་ཨང་གཉིས་པ་རྟགས་ཅན་གྱི་རྒྱང་ཚོར་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་འཕངས་པ་དང་། ཧུང་ཧུའུ་སྲུང་སྐར་དང་། ཐེན་དབྱི་སྲུང་སྐར་33ཧུང་ཧུའུ་གཉིས་པ་རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་སྔོན་ནས་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱལ་བ་དེས་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བ་མཚོན་ཡོད།