དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྡོད་ཁང་གསར་པ་དང་འཚོ་བ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་དར་རྒྱས་གྲོང་ཚོའི་སྡོད་ཁང་གསར་པ་ཡིན་པ།

    2021ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལས་གྲྭ་ཁག་གཉིས་པ་མུ་མཐུད་ལག་བསྟར་བྱས་ཏེ་དུས་ཐེངས་གཉིས་ལ་ཕྱེ་ནས་ཤང(གྲོང་རྡལ)6གི་སྲིད་འཛིན་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ལ་སྡོད་ཁང་གསར་པ་རྒྱག་པ་དང་། སྡོད་ཁང་སྒྱུར་བཀོད། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་བྱས་ཡོད། ལས་གྲྭ་དེར“སྲིད་གཞུང་གིས་དངུལ་ཏོག་ཙམ་གཏོང་བ་དང་མང་ཚོགས་ཀྱིས་གྲབས་གསོག་ཏོག་ཙམ་བྱེད་པའི”བླང་བྱར་གཞིགས་ནས་སྲིད་གཞུང་གིས་མ་དངུལ་70%དང་མང་ཚོགས་ཀྱིས་30%བཏང་ནས་སྡོད་ཁང་བསྐྲུན་ཡོད། ལས་གྲྭ་དེར་གྲོང་གསེབ་སྡོད་ཁང་གི་བཀོད་པ་ལེགས་སྒྲིག་དང་། མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་བ། མི་ཕྱུགས་སྡོད་ས་ལོགས་སུ་བསྐྲུན་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།