དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཤིང་ཏོག་ཞུ་མཁན་གྱི་མྱུ་གུ་བཟང་པོར་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ནི་མེ་ཏོག་རྫོང་དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་མཉམ་ལས་ཁང་གི་ལས་བཟོས་ཤིང་ཏོག་ཞུ་མཁན་གྱི་མྱུ་གུར་གཡོག་བྱེད་བྱེད་བཞིན་པ།

    མེ་ཏོག་རྫོང་དུ་གནམ་གཤིས་ཀྱི་ཆ་རྐྱེན་ཡག་པོ་ཡོད་པས་ཚ་བའི་ཁུལ་གྱི་དཔལ་འབྱོར་ལོ་ཏོག་བཏབ་ན་འཚམ་པོ་ཡོད། ལྷག་པར་དུ་ཤིང་ཏོག་ཞུ་མཁན་འདེབས་འཛུགས་བྱས་ན་མདུན་ལམ་ཆེན་པོ་ཡོད། ཤིང་ཏོག་ཞུ་མཁན་གྱི་ཐོན་ལས་གཏོད་ཆེད། མེ་ཏོག་རྫོང་མི་དམངས་སྲིད་གཞུང་གིས་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ་ཚན་རྩལ་གྱི་དོན་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་6གི་གྲོང་ཚོ་24ལ་ཤིང་ཏོག་ཞུ་མཁན་ལ་སྦྱར་ཁ་བརྒྱབ་པ་དང་ཤིང་ཏོག་ཞུ་མཁན་གྱི་མྱུ་གུ་བཏབ་པས་རྫོང་ཡོངས་ཀྱི་མང་ཚོགས་འབབ་འཕར་ཡོང་བའི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།