ཀྲུང་གོའི་དགུན་དུས་ཀྱི་ཡིད་དུ་འོང་བའི་མཛེས་ལྗོངས།
ཀྲུང་གོའི་ས་རྒྱ་ཆེ་བས་དགུན་དུས་ཀྱི་ས་ཆ་ཁག་ནས་མཛེས་ལྗོངས་མི་འདྲ་བ་མང་པོ་མངོན་ཞིང་། ས་ཆ་ལ་ལར་ས་གཞི་ཡོངས་ཁ་བས་བཀླུབས་པ་དང་། ས་ཆ་ལ་ལའི་མཛེས་ལྗོངས་པིར་གྱིས་བྲིས་པའི་སྣུམ་ཚོན་རི་མོ་དང་མཚུངས་པ། ས་ཆ་ལ་ལར་དྭངས་ཤིང་གཙང་བའི་ཆུ་མོར་དུས་བྱ་འཁོར་ནས་མཛེས་ལྗོངས་ལྟ་བས་མི་ངོམ་པ་ཞིག་ཡོད།
(《མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་གྱི་པར་ངོས》ལས་བརྒྱུད་འགོད་བྱས)
འདི་ནི་ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིང་ཧྲ་རི་བོའི་གཡོད་ཡཱ་ཆོན་མཛེས་ལྗོངས་ཁུལ་དུ་ཁ་བའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།
འདི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཐེན་ཧྲན་ཐེན་ཁྲེ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་གྲུ་གཟིངས་ལ་བསྡད་དེ་མཚོ་ཡི་མཛེས་ལྗོངས་ལ་ལྟ་བཞིན་པ།
འདི་ནི་ཁ་བས་བཀླུབས་པའི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལན་ཐུན་ཤིའུ་ཧྲུའེ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།
འདི་ནི་ཡུལ་སྐོར་བས་ཡིད་དུ་འོང་བའི་པེ་ཅིང་དབྱི་ཧོ་ཡོན་སྐྱེད་ཚལ་དུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ཅང་དབྱང་ཆུས་ཆན་ཚའོ་ཁྲོམ་གཞུང་གི་འབྲི་ཆུའི་འགྲམ་གྱི་འདམ་རར་འདབ་ཆགས་རིགས་ཁྱུ་དང་ཁྱུ་དགུན་སྒྲོལ་བྱེད་པ།
འདི་ནི་ཡུལ་སྐོར་བ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཆི་ཞཱ་རི་བོའི་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་བྱེད་བཞིན་པ།
འདི་ནི་ཡུལ་སྐོར་བས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་ལིང་ཁྲོན་རྫོང་ཧའེ་དབྱང་ཤང་ཞའོ་ཕིང་ལེ་གྲོང་ཚོར་སྤྲོ་གསེང་བྱེད་བཞིན་པ།
འདི་ནི་འབྲི་ཆུའི་འགག་གསུམ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙེ་ཀུའེ་རྫོང་ཤིས་ལིན་འགག་ཁུལ་གྱི་ཆུ་ཁོངས་སུ་གྲུ་གཟིངས་དལ་གྱིས་སྐྱོད་བཞིན་ཡོད་པ་དང་། ངོགས་གཉིས་ཀྱི་དམར་མདངས་བཀྲ་བའི་ལོ་འདབ་དང་དྭངས་ཤིང་གཙང་བའི་ཆུ་མོ་གཉིས་གཅིག་ལ་གཅིག་རྒྱན་དུ་སྣང་།