སྐར་མ་བསགས་ནས་ཡ་རབས་སྲོལ་གསར་བཏོད་པ།
གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་ཆེད། མཚོ་སྣ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་མཐོང་ཆེན་དང་། ལམ་ལུགས་ཀྱི་འགན་ལེན་མངོན་གསལ་དོད་པ། སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་སར་བརྩི་བ་དང་གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་གཉེར་སྐྱོང་བྱ་རྒྱུ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་རམ་འདེགས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲ་ལྡན་པའི་བྱ་སྤྱོད་ཀྱི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད། འདི་ནི་མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་གི་མང་ཚོགས(གཡོན)ཀྱིས་སྒོ་རྩིས་ཚོང་ཁང་དུ་བསགས་པའི་སྐར་མ་དང་འཚོ་བའི་མཁོ་ཆས་བརྗེ་བཞིན་པ།