ཧོ་པེ་ཐང་ཧྲན་གྲུ་ཁས་ཐོགས་མེད་བགྲོད་ལམ་བཏོད་ནས“བྱང་སོལ་ལྷོ་འདྲེན”བྱེད་པ།
ཉེ་ཆར། དྲོད་ཚད་རིམ་བཞིན་ཆག་པར་བརྟེན་ལྷོ་ཕྱོགས་ས་ཁུལ་གྱི་གློག་ཁང་དུ་རྡོ་སོལ་སྤྱོད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རང་རྒྱལ་གྱི“བྱང་སོལ་ལྷོ་འདྲེན”གྱི་གྲུ་ཁ་གཙོ་བོ་ཡིན་པའི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲུ་ཁས་མཚོ་དོན་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་རྡོ་སོལ་དབོར་འདྲེན་གྱི་ཐོགས་མེད་བགྲོད་ལམ་བཏོད་དེ་རྡོ་སོལ་དབོར་མཁན་གྲུ་གཟིངས་གྲུ་ཁ་ནས་སྔོན་ལ་བཏང་བ་མ་ཟད། རྡོ་སོལ་གྲུ་ཁར་དུས་དང་རྣམ་པ་ཀུན་ཏུ་ལས་ཀ་བྱས་ནས་རྡོ་སོལ་འདོན་འཇུག་དང་དབོར་འདྲེན་བྱེད་ཚད་ཆེ་རུ་བཏང་སྟེ་རྡོ་སོལ་དབོར་འདྲེན་འགན་ལེན་བྱས་ཡོད།
འདི་ནི་ཐང་ཧྲན་གྲུ་ཁའི་ཚའོ་ཧྥེ་ཏན་གྲུ་ཁའི་ཁུལ་ཀའོ་ཐའོ་ཚའོ་ཧྥེ་གྲུ་ཁ་ཚད་ཡོད་ཀུང་སིའི་རྡོ་སོལ་གྲུ་ཁར་གྲུ་གཟིངས་གཉིས་ལ་དངོས་ཟོག་བླུག་བཞིན་པ།