དབུ་ཤོག>པར་མཛོད།
  • ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་43པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-08

    འཛད་སྤྱོད་པས་སྦ་ལན་ཉོ་བཞིན་པ།

    འཛད་སྤྱོད་པས་ཤིང་ཕོར་ཉོ་བཞིན་པ།

    འཛད་སྤྱོད་པས་བོད་ཆས་ཉོ་བཞིན་པ།

    ཚོང་འདུས་ཐོག་བཤམས་པའི་མགུལ་རྒྱན་ཡིན་པ།

    འཛད་སྤྱོད་པས་ཚགས་ཤའི་རིན་གོང་འདྲི་བཞིན་པ།

    ཚོང་པ་དང་འཛད་སྤྱོད་པའི་དབར་ཚོང་འགྲིགས་པ།

    ཡར་ཀླུང་ཚོང་འདུས་ལ་ཞུགས་མཁན་ནེ་པ་ལའི་ཚོང་པ་ཡིན་པ།

    ཚོང་ཟོག་ཐད་གཏོང་མཁན་གྱིས་ཚོང་འདུས་ནས་ཐད་གཏོང་བྱེད་བཞིན་པ།

    ཟླ་12ཚེས་1ནས་7ཉིན་བར། ལོ་གཅིག་དུས་གཅིག་གི་དུས་ཡུན་གཟའ་འཁོར་གཅིག་གི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་43པ་སྣེ་གདོང་ཆུས་ལོ་ཆུང་ཚོང་འདུས་ཁྲོམ་རར་དུས་བཅད་ལྟར་འཚོགས་ཤིང་། ཚོང་འདུས་འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་དངོས་ཟོག་ཉོ་ཚོང་དང་། རིག་གནས་སྤེལ་རེས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་གཞི་གཅིག་ཅན་གྱི་གཞི་ཁྱོན་ཆེ་ཤོས་དང་། ཞུགས་མཁན་མི་གྲངས་མང་ཤོས། ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་གྱི་དགའ་སྟོན་ཞིག་རེད།

    འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)12ཀྱི་འགྲེམས་ཞུགས་ཚོང་དུད་ཕུད། ད་དུང་ལྷ་ས་དང་ཉིང་ཁྲི་སོགས་གྲོང་ཁྱེར་དང་ས་ཁུལ་གྱི་ཚོང་དུད་དང་། ནེ་པ་ལའི་ཚོང་དུད་བཅས་ཁྱོན་ཚོང་དུད་4850ཞུགས་ཡོད། ཁྲོམ་རར་གྱོན་གོས་དང་། ཁྱད་ལྡན་ཞིང་ཟོག་ཐོན་རྫས། ཤ། མི་རིགས་ལག་ཤེས་བཟོ་རྩལ། རླངས་འཁོར་སོགས་རིགས་1000ལྷག་ཙམ་ཡོད། ཁྲོམ་རར་བཏོན་པའི་ཚོང་ཟོག་གི་དངུལ་འབོར་སྒོར་དུང་ཕྱུར་7.32ཟིན་པ་དང་། ཚོང་འདུས་ཀྱི་ཉིན་དང་པོར་ཚོང་འགྲིག་ཚད་དངུལ་འབོར་སྒོར་ཁྲི་8545.01ཟིན་ཡོད།

    གསར་འགོད་པས་ཚོང་འདུས་འཚོག་ཡུལ་ནས་ཁྱད་ལྡན་ཐོན་རྫས་སྣ་ཁ་ཧ་ཅང་མང་པོ་མཐོང་བྱུང་ལ། དེ་དག་ནང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་བརྒྱ་རབ་གྲོང་ཚོའི་གཡག་གི་གྲོད་པ་དང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་གྱི་ཤིང་ཕོར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་ཚེམ་དྲུབ་ཐང་ག་སོགས་མང་པོ་ཡོད་ལ། ནེ་པ་ལའི་ཚོང་དུད་ཀྱི་ཁྲོམ་བཀྱག་མདུན་དུ་ལྟད་མོ་ལྟ་མཁན་དང་ཚོང་ཟོག་ཉོ་མཁན་གྲོང་མི་མང་པོ་ཡོད་པ་རེད།

    “ང་ཚོ་ནི་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོ་ནས་ཡིན། ད་རེས་ཁྱེར་བའི་ཐོན་རྫས་གྲས་སུ་ཚགས་ཤ་ཕུད། ད་དུང་ཀུང་སིས་ཐོན་སྐྱེད་བྱས་པའི་ལུག་གི་གྲོད་ཐུམ་ཡོད”ཅེས་ཀུང་སིའི་ཁྲིམས་མི་བདེ་སྐྱིད་གཡང་འཛོམས་ཀྱིས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས། རྨ་རོ་གྲོང་ཚོ་འབྲོག་ཁུལ་ཡིན་ཞིང་། ཡུལ་མིར་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་གྲོང་ཚོས་འདི་ལོའི་ཟླ་9པར་བོད་ལྗོངས་ཆུ་གསུམ་རྫོང་རྨ་རོ་གྲོང་ཚོའི་འབྲོག་ལས་ཐོན་རྫས་མཁོ་ཚོང་ཚད་ཡོད་ཀུང་སི་བཙུགས་པ་དང་གཙོ་བོ་ཁྱིམ་བྱ་གསོ་ཚགས་དང་ཕྱུགས་རིགས་གསོ་ཚགས་སོགས་ཀྱི་ལས་སྒོ་གཉེར་བ་རེད། ཚོང་གཉེར་གྱི་རྣམ་གྲངས་གྲས་སུ་ཞིང་ཞོར་ཐོན་རྫས་བྲིན་ཚོང་དང་བཟའ་བཅའ་བྲིན་ཚོང་བྱེད་ཀྱི་ཡོད། ཀུང་སི་འཕེལ་རྒྱས་ཡག་པོ་བྱུང་བས་ཡུལ་མིའི་ཡོང་འབབ་ཇེ་མང་དུ་ཕྱིན་ཡོད།

    ཚོང་འདུས་ནས་ཚོང་འབོད་ཀྱི་སྒྲ་དང་། སྤེལ་རེས་ཀྱི་སྐད་སྒྲ དགོད་སྒྲ་བཅས་བར་མེད་དུ་གྲགས་པ་འདི་ནི་ཅི་འདྲའི་ཞི་ཞིང་མཐུན་ལ་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ད་ཆའི་ཡར་ཀླུང་ཚོང་འདུས་ནི་སྔ་ས་ནས་ཞིང་འབྲོག་མང་ཚོགས་ཀྱི་སེམས་ནང་གི“དགའ་ནེའུ་དུས་ཆེན”དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།