པར་རིས་གསར་འགྱུར།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་ལེགས་སུ་གཏོང་བའི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཤང(གྲོང་རྡལ)ཁག་གི་ཏང་སྲིད་འགན་འཁུར་བ་གཙོ་བོ་དང་། སྲིད་ཁྲིམས་ཨུ་ཡོན། ཕྱོགས་བསྡུས་ཀྱི་ཆེད་བསྐོས་ལས་སྒྲུབ་པ། གྲོང་ཚོ(གྲོང་ལྷན)ཁག་གི་ཧྲུའུ་ཅི། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སོགས་མི་50ལྷག་ཙམ་གསོ་སྦྱོང་ལ་ཞུགས་པ་དང་། གསོ་སྦྱོང་དེ་ཡུལ་དངོས་སུ་ལྟ་ཞིབ་དང་། ཡུལ་དངོས་སུ་སྤེལ་རེས། ཚོགས་འདུ་བཞུགས་མོལ་བཅས་ཀྱི་རྣམ་པར་བརྟེན་ནས་སྤེལ་ཞིང་། འདི་ནི་སློབ་སྦྱོང་ལ་ཞུགས་མཁན་གྱིས་ཡུལ་དངོས་སུ་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་རྩིས་ཐོར་ལྟ་བཞིན་པ།