འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ།
ཉེ་ཆར། ལྗོངས་ཡོངས་ཀྱི་མ་བུ་བདེ་ཐང་གི་ལས་རིགས་རྩལ་ནུས་འགྲན་བསྡུར་རང་སྐྱོང་ལྗོངས་རིམ་པའི་མཐར་བསྡུར་ལྷ་སར་བྱས་ཤིང་། རྫོང་རིམ་པའི་ཐོག་མའི་འགྲན་བསྡུར་དང་། གྲོང་ཁྱེར་རིམ་པའི་བསྐྱར་བསྡུར། ཨུ་ལྷན་ཁོངས་གཏོགས་སྨན་ཁང་གི་འདེམས་སྒྲུག་འགྲན་བསྡུར་བཅས་བྱས་རྗེས་འཐུས་མི་རུ་ཁག་9དང་འགྲན་ཞུགས་པ་36བདམས་པ་རེད། འགྲན་བསྡུར་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་ཚོགས་པའི་ཨང་དང་པོ་རག་ཅིང་། འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།