བོད་ཀྱི་རྒྱུད་སོན་ཐོན་ཁུངས་མཛོད་ཐོག་མར་བཅར་འདྲི་བྱས་པ།
འདི་ནི་ཚན་ཞིབ་པས་འབུ་སྲིན་གྱི་འདྲ་དཔེ་སྣ་ཚོགས་གྲལ་འགྲིག་བཞིན་པ།
འདི་ནི་ཚན་ཞིབ་པས་དྲོད་ཚད་དམའ་པོའི་ཉར་ཚགས་མཛོད་དུ་ཉར་བའི་སོན་སྣ་ཚོགས་གྲལ་འགྲིག་བཞིན་པ།
བོད་ཀྱི་རྒྱུད་སོན་ཐོན་ཁུངས་མཛོད་དུ་རྩི་ཤིང་གི་ས་བོན་མཛོད་དང་། སྲོག་ཆགས་ཀྱི་རྒྱུད་སོན་མཛོད(སྒལ་ཚིགས་སྲོག་ཆགས་དང་འབུ་སྲིན་སོགས) གྱེས་གཟུགས་ཀྱི་མཛོད། འབུ་ཕྲའི་མཛོད། DNAཡི་མཛོད། སྲོག་ཆགས་གསོན་པོའི་མཛོད་དང་དེ་བཞིན་ལེ་ལག་ཚང་བའི་ཚོད་ལྟ་ཁང་དང་། འདྲ་དཔེ་ཁང་། ཆ་འཕྲིན་ལྟེ་གནས་སོགས་ཀྱི་བྱེད་ནུས་ཁུལ་གཙོ་བོར་ཚུད་ཡོད། མིག་སྔར། མཚོ་བོད་ས་མཐོ་དང་ཉེ་འཁོར་ས་ཁུལ་གྱི་རི་སྐྱེས་སྐྱེ་དངོས་དང་། ཞིང་ལས་ལོ་ཏོག་སོགས་ཀྱི་སྐྱེ་དངོས་སྣ་ཚོགས་ཀྱི་རྒྱུད་སོན་ཐོན་ཁུངས་རིགས་2047དང་ཁག་8458ཡོད་པ་རེད།
བོད་ནི་ཀྲུང་གོ་ཙམ་མ་ཟད་ཐ་ན་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་འཛོམས་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཡིན། དེར་རྒྱུད་སོན་ཐོན་ཁུངས་མཛོད་བསྐྲུན་པ་དེས་སྐྱེ་དངོས་ཀྱི་རྒྱུད་སོན་ཐོན་ཁུངས་དག་ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་སྲུང་སྐྱོང་ནུས་ལྡན་ཐུབ་སྟེ་བོད་ཀྱི་སྐྱེ་དངོས་ཀྱི་རྒྱུད་སོན་གྱི་ཐོན་ཁུངས་ཉར་ཚགས་ཞིབ་འཇུག་དང་། བོད་ཀྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་རྨང་གཞིའི་འདེགས་སྐྱོར་གྱི་ནུས་པ་ཐོན་རྒྱུ་ཡིན་པ་རེད།