མི་ཚང་མ་ཤེས་དཔལ་འགྲིམ་འགྲུལ་ནང་ཞུགས་པ།
འདི་ནི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་བདེ་འཇགས་དཔེ་སྟོན་རྟེན་གཞི་ཁྲེང་ཀོན་ཆུས་སློབ་ཆུང་དགུ་པའི“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང”ལ“ཤེས་དཔལ་འགྲིམ་འགྲུལ་རང་ཉིད་ནས་འགོ་འཛུགས་དགོས”ཞེས་འཁོད་པའི་ཀྲུང་གོའི་ལྷས་མདུད་སྤྲོད་བཞིན་པ།
ཟླ་12ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་དང་། ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སོགས་ཚན་པས་གཉེར་འགན་འཁུར་བའི“རྒྱལ་ཡོངས་ཀྱི་འགྲུམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་མང་ཚོགས་ལ《ཚེ་སྲོག་ལ་གཅེས་སྤྲས་བྱས་ནས་ཤེས་དཔལ་ལྡན་པའི་ངང་ཕྱིར་སྐྱོད་པ》དང《གློག་སྒུལ་སྦག་སྦག་གི་དྲིལ་བསྒྲགས་ལག་དེབ》སོགས་དྲིལ་བསྒྲགས་དཔྱད་ཡིག་ཁྲི་15ལྷག་ཙམ་སྤྲད་དེ་མང་ཚོགས་ལ་ཡ་རབས་ངང་ཕྱིར་འགྲོ་བར་ཁྲིད་སྟོན་བྱས་ཡོད།