དབུ་ཤོག>པར་མཛོད།>པར་མཁན།
  • དགུན་སྟོད་དུ་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུ་ལ་ཐོན་འབབ་ཡག་པོ་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-25

    ཉེ་ཆར། ཧྲན་ཏུང་ཞིང་ཆེན་ལིན་དབྱི་རྫོང་གི་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུ་སྨིན་ནས་བསྡུ་བའི་དུས་སུ་སླེབས་ཏེ། ས་གནས་དེ་གའི་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུ་འདེབས་དུད་ཀྱི་ཀྲོ་མ་ཀྲུ་འཐུ་བ་དང་དབོར་བའི་ལས་ལ་བྲེལ་ནས་ཁྲོམ་རར་མཁོ་སྤྲོད་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ལིན་དབྱི་རྫོང་གིས་ཡུལ་བབ་དང་བསྟུན་ནས་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུ་ཐོན་ལས་འཕེལ་རྒྱས་བཏང་བས། མིག་སྔར་རྫོང་ཡོངས་ཀྱི་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུ་འདེབས་ཁྱོན་མུའུ་ཁྲི་4ཟིན་ནས་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུའི་ཐོན་ལས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཁྱད་ལྡན་ཐོན་ལས་ལ་གྱུར་ཡོད།

    འདི་ནི་ཧྲན་ཏུང་ཞིང་ཆེན་ལིན་དབྱི་རྫོང་ལིན་ནན་གྲོང་རྡལ་དུ་ཞིང་དུད་ཀྱིས་དྲོད་ཁང་ཆེན་པོའི་ཀྲོ་མ་ཀྲུ་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།