དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སློབ་གྲྭ་ཆེན་མོ་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    འདི་ནི་བྱ་དགའི་དངུལ་སྤྲོད་ཡུལ་ཡིན་པ།

    ཟླ་9ཚེས་16ཉིན། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་2023ལོའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་ཆེན་ལ་རྒྱུགས་འཕྲོད་པར་བྱ་དགའི་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། དངོས་གཞིའི་ཚན་ཁག་གི་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མ་151དང་ཆེད་ཚན་སློབ་གྲྭར་རྒྱུག་འཕྲོད་པའི་སློབ་མ་124ལ་ཁྱོན་བྱ་དགའི་དངུལ་སྒོར་ཁྲི་166.5སྤྲད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཁང་དམར་རྫོང་གིས་2016ལོར་ཞིང་འབྲོག་པའི་བུ་ཕྲུག་སློབ་ཆེན་ལ་རྒྱུག་འཕྲོད་པར་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་བ་ནས་བཟུང་། སློབ་ཆེན་ལ་རྒྱུགས་འཕྲོད་མཁན་ཐེམ་ཁུངས་ཁང་དམར་ནས་ཡིན་པའི་ལོ་འདིའི་མཐོ་འབྲིང་སློབ་ཐོན་སློབ་མ་1812ལ་ཁྱོན་བྱ་དགའི་དངུལ་སྒོར་ཁྲི་1477.1སྤྲད་ནས། རྒྱ་ཆེའི་ཐེམ་ཁུངས་ཁང་དམར་ནས་ཡིན་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་སློབ་གྲྭ་ཆེན་མོ་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།