གསོ་སྦྱོང་བྱས་ནས་ཞིང་ལས་རྩལ་ནུས་ཆེ་རུ་བཏང་བ།
ལག་རྩལ་པས(གཡོན་གྱི་དང་པོ)མང་ཚོགས་ལ་སུར་པན་འདེབས་འཛུགས་ལག་རྩལ་སློབ་བཞིན་པ།
མདོ་ལུང་སྒང་གྲོང་ཚོའི་ཞིང་པས་དྲོད་ཁང་ཆེན་པོའི་དངོས་སྦྱོང་ས་ཞིང་ལ་ལུད་རྒྱག་བཞིན་པ།
ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་ནས་འདེབས་འཛུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་མདོ་ལུང་སྒང་གྲོང་ཚོས་མང་ཚོགས་ཀྱི་ཞིང་ལས་འདེབས་འཛུགས་ཐད་ཀྱི་འབྲེལ་ཡོད་དགོས་མཁོ་ཤེས་རྗེས། དམིགས་སའི་རང་བཞིན་ལྡན་པའི་ངང་ལག་རྩལ་གསོ་སྦྱོང་བྱས་ནས་ཞིང་པ་མང་ཚོགས་ལ་དུས་ཐོག་ཏུ་འདེབས་འཛུགས་ཤེས་བྱ་བསླབས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང“རིགས་པའི་གཞུང་ལུགས་+དངོས་སྦྱོང”གི་བྱ་ཐབས་ལ་བརྟེན་ནས་སྤེལ་བ་དང་། ཉིང་ཁྲི་གྲོང་ཁྱེར་རིག་འཕེལ་གསོ་སྦྱོང་གི་ཞིང་འབྲོག་ལས་ལག་རྩལ་པས་ཞིང་པར་སོན་གཏོར་དང་། ཞིང་ནང་གཡོག་བྱེད། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་འདེབས་འཛུགས་ཤེས་བྱ་བསླབས་པ་མ་ཟད། མང་ཚོགས་ལ་ཡུལ་དངོས་སུ་བཀོལ་སྤྱོད་བྱེད་སྟངས་མཛུབ་ཁྲིད་ཀྱང་བྱས་པ་རེད།