དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གྲོང་པ་ཁྱིམ་མཚེས་འཆམ་མཐུན་གྱི་སྤྲོ་སྣང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྐུལ་འདེད་ཉིན་མོའི་བྱེད་སྒོ་དང་ཁ་རག་སྡེ་ཁུལ་གྱི“གྲོང་པ་ཁྱིམ་མཚེས་ཀྱི་སྐྱིད་པའི་དུས་ཆེན”སྐབས་དང་པོ་གཉེར་བ་རེད། བྱེད་སྒོའི་ཁྲོད་ཆེད་ལས་ཁྲིམས་རྩོད་པ་གདན་དྲངས་ནས་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་དང་། གྲོང་མིའི་འཐུས་མིས་གྲོང་པ་ཁྱིམ་མཚེས་དབར་གྱི་ཞི་མཐུན་མཉམ་གནས་ཀྱི་ཡིད་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་རེད། བྱེད་སྒོའི་རིང་ད་དུང་རིག་རྩལ་འཁྲབ་སྟོན་དང་ཁྱིམ་མཚེས་ཀྱི་མཉམ་པར་ལེན་པ་སོགས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རམ་དང་མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་བཟང་པོ་བཏོད་ཅིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་སྐྱིད་འཕེལ་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།