དབུ་ཤོག>པར་མཛོད།
  • ས་མཐོའི་དགུན་དུས་ཀྱི་འབྲོག་ར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-20

    ཡོན་ཏན་བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་རར་ལུག་འཚོ་བཞིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་རར་ཡོན་ཏན་གྱིས་ཉི་ནུས་ཤེལ་ལེབ་ལ་ཕྱི་བདར་རྒྱག་བཞིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་རར་ཡོན་ཏན་གྱི་བཟའ་ཟླ་དུང་སྐྱིད(གཡས)དང་གྲོགས་མོ་སྒྲོལ་དཀར་མཚོ་མོས་ཆུ་སྐོལ་བཞིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་ར་ཡིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གི་འབྲོག་ར་ཞིག་ཡིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་རར་ཡོན་ཏན་གྱི་བཟའ་ཟླ་དུང་སྐྱིད་ཀྱིས་འོ་མ་འཇོ་བཞིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་རར་འབྲོག་པས་ཕྱུར་བ་བཟོ་བཞིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོའི་དགུན་དུས་འབྲོག་རར་འབྲོག་མོ་སྒྲོལ་དཀར་མཚོ་མོས་བུ་རྡོ་རྗེ་བཀྲ་ཤིས་ལ་ཤ་གཏུབ་བཞིན་པ།

    བོད་ལྗོངས་འདམ་གཞུང་རྫོང་གི་འབྲོག་ར་ཞིག་ཡིན་པ།

    བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་གཉན་ཆེན་ཐང་ལྷའི་ལྷོ་ངོས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་གྱི་ཡོད། ཡུལ་དེའི་ས་ཆ་ཁོད་སྙོམས་ལ་རྒྱ་ཆེ་བ་དང་དབྱར་དུས་རྩྭ་ཆུ་བཟང་བས་འདམ་གཞུང་ཞེས་འབོད།

    འདི་ལོ་ལོ་33ལ་སླེབས་པའི་ཡོན་ཏན་ནི་འདམ་གཞུང་རྫོང་གནམ་མཚོ་ཤང་དག་པོ་གྲོང་ཚོ་ནས་ཡིན་པ་དང་། གནམ་མཚོའི་ཉེ་འགྲམ་དུ་ཡོད་པའི་ཁོང་གི་ཁྱིམ་དུ་འབྲི་གཡག་བརྒྱ་ལྷག་ཙམ་དང་ལུག་ཉིས་བརྒྱ་ལྷག་ཙམ་ཡོད།

    འབྲོག་པ་རྣམས་ནམ་དུས་ལ་བསྟུན་ནས་རྩྭ་ཆུ་བཟང་སར་སྐྱས་སྤོ་དགོས་པས། ལོ་རེའི་ཟླ་9པར་ཡོན་ཏན་གྱིས་འབྲོག་པ་གཞན་དང་མཉམ་དུ་གནམ་མཚོའི་ལྷོ་ནས་བྱང་གི་ས་བབ་ཅུང་དམའ་བའི་དགུན་དུས་འབྲོག་རར་སྐྱས་སྤོས་པ་དང་། ཕྱི་ལོའི་ཟླ་3པར་སླར་ཡང་གནམ་མཚོ་འགྲམ་གྱི་དབྱར་དུས་འབྲོག་རར་ལོག་གི་ཡོད།

    ཡོན་ཏན་གྱི་དགུན་དུས་འབྲོག་རར་སོ་ཕག་གི་བདེ་སྡོད་ཁང་པ་དང་ལྕགས་ཤོག་ཁང་པས་སྦྲ་ནག་གི་ཚབ་བྱས་པ་མ་ཟད། དྲ་ཆེན་དང་ཁྲོན་ཆེན་གྱིས་ཀྱང་རྩྭ་ཐང་གི་འཚོ་བར་སྔར་བས་སྟབས་བདེ་བསྐྲུན་ཡོད། ལོ་མཇུག་ཏུ་ཡོན་ཏན་གྱིས་འབྲི་གཡག་མགོ་གྲངས་8བཤའ་རྩིས་ཡོད་པ་དང་། དབྱར་ཁར་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ལྗོངས་གཟིགས་རླངས་འཁོར་བཏང་བའི་ཡོང་འབབ་དང་ཁ་གསབ་སྣ་ཚོགས་བསྡོམས་ན། ཡོན་ཏན་གྱི་ལོའི་ཡོང་འབབ་སྒོར་ཁྲི་11ཟིན་གྱི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དང་བསྟུན་ནས། ཡོན་ཏན་དང་འདྲ་བའི་ས་མཐོའི་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། གྲང་ངར་ཆེ་བའི་བོད་བྱང་ཐང་གི་དགུན་ཁ་དེ་ད་ཆ་ཡོན་ཏན་གྱི་ཁྱིམ་གྱི་ངོས་ནས་བརྗོད་ན་དྲོ་སྐྱིད་ལྡན་པའི་དཔྱིད་ཀ་དང་ཁྱད་མེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།