མཛེས་རྩལ་ཁང་གི་རི་མོའི་སློབ་ཚན།
ཉེ་ཆར། བོད་ལྗོངས་མཛེས་རྩལ་ཁང་དངོས་སུ་སྒོ་ཕྱེ་ནས་སྒྱུ་རྩལ་ལ་དགའ་དད་ཆེ་བའི་མི་མང་པོ་ཞིག་གི་ཡིད་དབང་འཕྲོག་ནས་ལྟ་སྐོར་དུ་ཡོང་སྟེ། ལྷན་དུ“སྒྱུ་རྩལ་གྱི་འདུ་འཛོམས”ལ་རོལ་ཞིང་། འདི་ནི་ཟླ་11ཚེས་16ཉིན། ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་གི་རི་མོ་ཚོགས་པའི་ཕྲུ་གུ་ཚོ་བོད་ལྗོངས་མཛེས་རྩལ་ཁང་དུ་བསྐྱོད་ནས་རི་མོའི་བརྩམས་ཆོས་ལ་ལྟ་བཞིན་པ།