དབུ་ཤོག>པར་མཛོད།
  • ཡིད་དུ་འོང་བའི་སྟོན་དུས་ཀྱི་མཛེས་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-17

    ཡིད་དུ་འོང་བའི་སྟོན་དུས་ཀྱི་མཛེས་ལྗོངས།

    ལྷུན་གྲུབ་རྫོང་གི་སྟོན་ལྗོངས་ཡིན་པ།

    མལ་གྲོ་གོང་དཀར་རྫོང་གི་སྟོན་ལྗོངས་ཡིན་པ།

    ཆུ་ཤུར་གྱི་སྟོན་ལྗོངས་ཡིན་པ།

    གནམ་མཚོའི་སྟོན་ལྗོངས་ཡིན་པ།

    སྟག་རྩེའི་སྟོན་ལྗོངས་ཡིན་པ།

    ལྷ་སའི་སྟོན་དུས་ཀྱི་ཚོན་མདོག་རྣམ་པར་བཀྲ་ཞིང་། ཨ་སྔོན་དང་། སྤྲིན་དཀར། མཚོ་མོ། རྩྭ་ཐང་། ནགས་ཚལ་བཅས་ཀྱིས་བག་ཕེབས་དང་། དྭངས་གཙང་། བརྗིད་ཆགས་ཀྱི་ཚོར་སྣང་ཞིག་སྟེར།

    ཆར་རླུང་འཇགས་པའི་སྟོན་དུས་སུ་གནམ་མཚོ་དང་ཨ་སྔོན་སྤྲིན་དཀར་གཅིག་ཏུ་འདྲེས་ནས་སྣུམ་ཚོན་རི་མོ་ལྟར་ལྷག་པར་མཛེས།

    དུས་ཚིགས་གྱུར་ནས་གནམ་གཤིས་གྲང་དུ་ཕྱིན་པ་དང་བསྟུན་ནས་འདི་ལོའི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་ལྷུན་གྲུབ་རྫོང་དུ་འབྱོར།

    རླངས་འཁོར་བཏང་ནས“ཤེས་རིག་སྤོས་ཀྱི་དར་ཡུལ”གྱི་མཚན་སྙན་ལྡན་པའི་སྙེ་མོར་བསྐྱོད་དེ་ཐོན་པའི་གནའ་བོའི་གྲོང་ཚོར་འཆམ་འཆམ་བྱེད་སྐབས་སྟོན་རླུང་བསིལ་པོའི་ཁྲོད་ནས་སྤོས་ཀྱི་དྲི་ཞིམ་འཐུལ་བ་དང་སྦྲགས་སེམས་ཁམས་བདེ་བར་འཁོད།

    རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་། མལ་གྲོ་གུང་དཀར། སྟག་རྩེ། ཆུ་ཤུར་སོགས་ལ་སྐྱོད་སྐབས། ལོ་མ་སེར་པོར་གྱུར་པའི་ལམ་འགྲམ་གྱི་ལྕང་སྡོང་དང་རྒྱང་རིང་གི་བརྗིད་ཆགས་ལྡན་པའི་གངས་རི་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱིས་ཡིད་དུ་འོང་བའི་རྣམ་པ་ཞིག་མངོན།

    སྟོན་ལྗོངས་ནི་རང་བྱུང་ཁམས་ཀྱིས་གངས་ལྗོངས་ས་མཐོར་བསྩལ་བའི་ཕྱག་རྟགས་མཛེས་ཤོས་ཤིག་ཡིན་པས་དུས་ཚིགས་ཐུང་ཡང་ཡིད་དུ་འོང་བ་ཞིག་ཡོད། ཁྱེད་ལ་ཁོམ་པ་བྱུང་ན། གྲོགས་པོ་གཉིས་གསུམ་དང་མཉམ་དུ་སྟོན་ལྗོངས་ལ་རོལ་བར་བསྐྱོད་དེ་སྟོན་ཁའི་ཡུལ་ལྗོངས་ལ་ལྟ་བ་དང་། སྟོན་ཁའི་ཉམས་འགྱུར་ཚོར་བ། སྟོན་ཁའི་དྲོད་འཇམ་ཉི་འོད་ལོངས་སུ་སྤྱད་དེ་གངས་ལྗོངས་ཀྱི་ཆེས་མཛེས་པའི་ཡུལ་ལྗོངས་འཚོལ་བར་བསྐྱོད་ན་མི་ལེགས་སམ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།