དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཀོང་པོའི་ལོ་གསར་དགའ་གཏོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    འདི་ནི་ཀོང་པོའི་ལོ་གསར་གྱི་ཚེས་གཅིག་ཉིན། ཚེ་རིང་དོན་གྲུབ་ནང་མི་ཚང་མས་ཞོགས་པར་གོམས་སྲོལ་ལྟར་མེ་ཐབ་སྟེང་སྲོལ་རྒྱུན་བཟའ་བཅའ་བསྲེགས་ནས་ཟ་བཞིན་པ།

    འདི་ནི་ཀོང་པོའི་ལོ་གསར་གྱི་གནམ་གང་ཉིན། ཚེ་རིང་དོན་གྲུབ་དང་ལྷག་པ་སྒྲོལ་མས་གྲོ་སོ་ཕྱེ་མར་གྲ་སྒྲིག་བྱེད་བཞིན་པ།

    ཟླ་11ཚེས་14ཉིན་ནི་བོད་ཟླ་བཅུ་པའི་ཚེས་གཅིག་སྟེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་ལོ་གསར་རེད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ནི་རི་བོ་གནམ་ལྕགས་འབར་བའི་འདབས་སུ་ཆགས་ཡོད། ལོ་40ལ་སླེབས་པའི་ཚེ་རིང་དོན་གྲུབ་དང་ལོ་39ཡིན་པའི་ལྷག་པ་སྒྲོལ་མ་ནི་གྲོང་ཚོ་དེ་ནས་ཡིན། ཁོང་ཚོས་2013ལོ་ནས་དམངས་སྲོལ་གནས་ཚང་གཉེར་ཅིང་། ད་ཆ་ཁོང་གི་གནས་ཚང་དེ་ལ་ཁང་མིག་50ལྷག་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་100ལྷག་རག་གི་ཡོད། ཁྱིམ་ཚང་ཕྱུག་པོ་ཆགས་ནས་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡང་སྲོལ་རྒྱུན་གྱི་ཀོང་པོའི་ལོ་གསར་སྔར་རྒྱུན་བཞིན་ཁོང་ཚོའི་ཁྱིམ་གྱི་དུས་ཆེན་གལ་ཆེ་ཤོས་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།