སྒོ་རྩར་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་འགན་བཅོལ་ལ་ཞུགས་ཚད་མཐོ་རུ་བཏང་བ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་ལ་འགྲེལ་བཤད་རྒྱག་བཞིན་པ།
སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་འགན་བཅོལ་ལ་ཞུགས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་བཞད་མཐོང་སྨོན་རྫོང་མི་སྤྱི་ཅུས་ཀྱིས་ཞིང་འབྲོག་ཁུལ་དང་། ཁེ་ལས། ཚན་པ་བཅས་སུ“སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུ་ཁྱིམ་ཚང་མང་པོར་ཁྱབ་པར་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་འབྲེལ་ཡོད་ལས་དོན་པས་སྒོ་རྩར་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། དོགས་གཞིར་ལན་འདེབས་པ། སྤྱི་ཚོགས་འགན་བཅོལ་གཱ་བརླགས་པའི་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་གཱ་བཟོ་རོགས་བྱེད་པ་སོགས་ཀྱི་ཞབས་འདེགས་ཞུས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་སྒྲོག་འགྲེལ་ཐེངས་23བྱས་པར་མི་ཐེངས་1500ལྷག་ཙམ་ལ་ཕན་པ་ཐོབ་པ་དང་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་2000ལྷག་ཙམ་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་མི་ཐེངས་300ལྷག་ཙམ་གྱི་དོགས་གཞིར་ལན་བརྒྱབ་པ་རེད།