ཨེར་ཏུའོ་སི་རྩྭ་ཐང་སྟེང་གི་བདེ་སྐྱིད་ལྡན་པའི་འཚོ་བ།
འདི་ནི་རོལ་ཆ་ཚོགས་པའི་ཁོངས་མི་ཚོས་རྡོ་རྗེའི་སོག་གུར་མདུན་དུ་ཞབས་བྲོ་འཁྲབ་བཞིན་པ།
འདི་ནི་རྡོ་རྗེས་རྩྭ་ཐང་དུ་ར་ཁྱུ་འདེད་བཞིན་པ།
འདི་ནི་རྡོ་རྗེ(དཀྱིལ)དང་གྲོགས་པོས་ལྷས་ར་ནས་ར་དབོར་བཞིན་པ།
འདི་ནི་རོལ་ཆ་ཚོགས་པའི་ཁོངས་མི་ཚོས་རྩྭ་ཐང་དུ་རོལ་ཆ་དཀྲོལ་བཞིན་པ།
འདི་ནི་རྡོ་རྗེས་ཁྱིམ་དུ་གློག་མིག་བརྒྱུད་རང་ཁྱིམ་གྱི་ལྷས་རར་ལྟ་བཞིན་པ།
འདི་ནི་མིང་ཨན་པའོ་ཡིས་རང་ཁྱིམ་གྱི་བཞོན་རྟར་བྱམས་སྐྱོང་བྱེད་བཞིན་པ།
འདི་ནི་མིང་ཨན་པའོ(གཡས)ཡིས་ཁྱིམ་དུ་རོལ་ཆ་ཚོགས་པའི་ཁོངས་མི་དང་གླེང་མོལ་བྱེད་བཞིན་པ།
ཨེ་ཏུའོ་སི་རྩྭ་ཐང་དུ། འབྲོག་པ་རྡོ་རྗེས་སྦག་སྦག་བཞོན་ནས་རྟ་ཁྱུ་འདེད་བཞིན་བྲེལ་བ་ཆེ་བའི་ཉིན་གཅིག་གི་ལས་ཀ་འགོ་བརྩམས། རྟ་ལ་ཆུ་ལྡུད་པ་དང་ལུག་ཁྱུ་འདེད་པ་ནི་ཁོང་གི་ཉིན་རེའི་ལས་ཀ་རེད།
རྡོ་རྗེ་ནི་ནང་སོག་རང་སྐྱོང་ལྗོངས་ཨེ་ཏུའོ་སི་གྲོང་ཁྱེར་ཨེ་ཐུའོ་ཁེ་ཆིར་སྡོད་ཀྱི་ཡོད་ལ། འདི་ལོ་ལོ་61ལ་སླེབས་པའི་ཁོང་གིས་ཕྱུགས་རིགས་མང་པོ་གསོ་ཚགས་བྱས་ཡོད་པ་ལས། དཔལ་འབྱོར་གྱི་ཕན་འབྲས་ཅུང་ཡག་པའི་ཨར་པཱ་སིའི་ཁུལ་ལྡན་ར་200ལྷག་ཙམ་ཡོད།
ལས་བྲེལ་ཆེ་དུས་ཕྱུགས་ཟོག་འཚོ་སྐྱོང་བྱེད། དལ་བའི་དུས་སུ་སྙན་འཇེབས་པི་ཝང་དཀྲོལ། རྡོ་རྗེ་དང་ཁོང་གི་ཨ་ཕ་མིང་ཨན་པའོ་ནམ་རྒྱུན་རྟག་པར་ས་གནས་དེ་གའི་ཁྱད་ལྡན་རིག་རྩལ་བྱེད་སྒོ“གནས་རིར”ཞུགས་ཀྱི་ཡོད། “གནས་རི”ཞེས་པ་ནི“གུས་ལུགས་དང་རོལ་མོར”བརྗོད་པ་དང་། “སྤྲོ་གསེང”དང“ལྷན་འཛོམས”སོགས་ཀྱི་དོན་ལ་གོ དེ་ནི་ཡོན་རྒྱལ་རབས་སྐབས་ནས་དར་བའི་རོལ་ཆ་དང་གླུ་གར་གྱིས་གཙོས་པའི་ཕྱོགས་བསྡུས་རང་བཞིན་གྱི་དམངས་ཁྲོད་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་ལ་ནང་སོག་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད་པ་རེད།
རྡོ་རྗེའི་ཨ་ཕ་མིང་ཨན་པའོ་ལོ་91ལ་སླེབས་ཤིང་། སྔོན་ཆད་ས་གནས་དེ་གའི་གྲོང་གསེབ་ཀྱི་སྨན་པ་དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བྱས། 2018ལོར། མིང་ཨན་པའོ་ཡིས་ཉེ་འགྲམ་གྱི་རྒན་རྒོན་སྒྲིག་འཛུགས་བྱས་ནས་རྒན་རྒོན“གནས་རི”རོལ་ཆ་ཚོགས་པ་བཙུགས་ཤིང་། ཁོང་ཚོས་དུས་བཀག་ལྟར་ནང་སྦྱོང་བྱས་ནས་འཁྲབ་སྟོན་གྱི་བྱེད་སྒོ་ཁག་ལ་ཞུགས་ཀྱི་ཡོད་པ་རེད། ད་ཆ། རྡོ་རྗེ་ཕ་བུ་གཉིས་ཀྱིས་ནམ་རྒྱུན་གྲོགས་པོ་ནང་དུ་གདན་དྲངས་ནས་ལྗགས་སྨིན་དང་རོལ་མོ་མཉམ་སྤྱོད་བྱེད་ཀྱི་ཡོད། ཨེ་ཏུའོ་སི་རྩྭ་ཐང་དུ། པི་ཝང་དང་གླིང་བུ་སོགས་རོལ་ཆ་མང་པོ་མཉམ་དུ་དཀྲོལ་ནས་འབྲོག་པ་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་བཞིན་ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད།