མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མངོན་པའི་འགྲེམས་སྟོན།
འདི་ནི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐོག་གི་བརྩམས་ཆོས་ཁག་གཅིག་ཡིན་པ།
འདི་ནི་གྲོང་མིས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱ་ཡུལ་དུ་མི་རིགས་མཐུན་སྒྲིལ་གྱི་ལག་ཤེས་ཐོན་རྫས་ལ་ལྟ་བཞིན་པ།
དུས་ཡུན་རིང་པོར་ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་མུ་མཐུད་གཙོ་རྐང་དུ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་དང་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བོད་བྱང་ཐང་དུ་རྣམ་པར་བཀྲ ཉེ་ཆར་ནག་ཆུ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱེད་སྒོ་སྤེལ་བར་ལྟ་སྐོར་དུ་ཡོང་མཁན་གྲོང་མི་མང་པོའི་ཡིད་དབང་རབ་ཏུ་བཀུག་ཡོད།