རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལོངས་སུ་སྤྱོད་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་11ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ད་ཆ་ཆེད་ལས་རིག་རྩལ་ཁང་དང་ཚོགས་པ་10དང་། རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པ་76 དམངས་ཁྲོད་ལྷ་མོ་རུ་ཁག་153 ཤང་དང་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་395 སྒྲིག་ཚུད་གྲོང་ཚོའི་རིག་གནས་འཁྲབ་སྟོན་རུ་ཁག་5492 ཆེད་ལས་དང་གཅིག་ལྕོགས་རིག་རྩལ་འཁྲབ་སྟོན་པ་ཁྲི་10ལྷག་ཙམ་བཅས་ཡོད་ཅེས་འཁོད་ཡོད། འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་འཁུར་བའི་2023ལོའི་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རིག་རྩལ་སྐོང་འཁྲབ་བྱ་ཡུལ་ཡིན་པ།