དབུ་ཤོག>པར་མཛོད།>པར་མཁན།
  • དགུན་ཚུགས། ཞིང་བྲེལ་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-09

    དགུན་ཚུགས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སོ་ནམ་པ་དག་ཞིང་ནང་དང་མུ་ཁར་ཞིང་ལས་ལ་བྲེལ་འགོ་ཚུགས།

    འདི་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཧྥེན་ཁྲང་ཆུས་ཏི་ཀང་གྲོང་རྡལ་དུ་གྲོང་མིས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་ཆུ་འབྲས་བརྔ་བཞིན་པ།

    འདི་ནི་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་ཧྲོའུ་ཡན་གྲོང་རྡལ་ཡུང་ཧྥེང་གྲོང་ཚོའི་ཞིང་པ་ཚོས་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ལ་འགྱིག་ཤོག་གཡོག་བཞིན་པ།

    འདི་ནི་ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཤིས་རྫོང་ཕྱིར་སྡོད་རང་མི་དོ་དམ་ཆུས་ཧྥེང་ཧྲན་ཇ་རར་ཞིང་པས་ཇ་ཞིང་ལ་ལུད་རྒྱག་བཞིན་པ།

    འདི་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་པིན་ཁྲེང་ཆུས་དབྱང་ལིའུ་ཞུའེ་གྲོང་རྡལ་ལེན་ཀྲེང་གྲོང་གསར་དུ་ཞིང་པས་གྲོ་ཞིང་ལ་འཁྱགས་ཆུ་གཏོང་བཞིན་པ།

    འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཁའེ་དབྱང་རྫོང་ནན་ལུང་ཤང་ཐུའུ་ཤང་གྲོང་ཚོར་ཞིང་པས་ཚ་ལུ་མ་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།