དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཁྱད་ལྡན་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-08

    འདི་ནི་བོད་ལྗོངས་ཐང་དཀར་བོད་བྱ་གསོ་ཚགས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་དོན་པས་བོད་བྱའི་སྒོ་ང་ཐུམ་རྒྱག་བཞིན་པ།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས། སྣེ་འདྲེན་ཁེ་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་གྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། གསར་དར་ལེགས་ཆའི་ཐོན་ལས་སྔོག་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། སྲོལ་རྒྱུན་གྱི་ཁྱད་ལྡན་ཐོན་ལས་དང་ལེགས་ཆའི་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ནུས་ལྡན་ངང་འགྱུར་བ་བཅས་བྱས་ནས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རོགས་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།