ཤིང་ཏོག་ཨ་མྲ་ཉི་མར་སྐེམ་པ།
ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲུན་ཕིང་རྫོང་རི་ཁུལ་གྱི་ཤིང་ཏོག་ཨ་མྲ་སྨིན་པའི་དུས་སུ་སླེབས་ཤིང་། ཤིང་ཏོག་འདེབས་མཁན་ཞིང་པས་དུས་ཚོད་དམ་འཛིན་གྱིས་ཤིང་ཏོག་ཨ་མྲ་འཐུ་བ་དང་། འཚོང་བ། ལས་སྣོན་བཅས་བྱས་ནས་གང་སར་ཐོན་འབབ་ལེགས་པའི་རྣམ་པ་ཞིག་མངོན་ཡོད། ཐའེ་ཧང་རི་ཁུལ་དུ་གནས་པའི་ཧྲུན་ཕིང་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཤིང་ཏོག་ཨ་མྲ་ཐོན་སྐྱེད་གཙོ་ཁུལ་གྱི་གྲས་ཤིག་ཡིན། མིག་སྔར་རྫོང་དེའི་ཤིང་ཏོག་ཨ་མྲའི་འདེབས་ཁྱོན་མུའུ་ཁྲི་6ལྷག་ཙམ་ཟིན་ནས་ལོ་རེར་ཤིང་ཏོག་ཨ་མྲ་སྤྱི་རྒྱ་ཁྲི་7000ལྷག་ཙམ་ཐོན་སྐྱེད་ཐུབ་ཀྱི་ཡོད། འདི་ནི་ཧོ་པེ་ཞིང་ཆེན་ཧྲུན་ཕིང་རྫོང་ཨན་དབྱང་གྲོང་རྡལ་ཡུང་ཧྲིང་གྲོང་ཚོའི་ཤིང་ཏོག་འདེབས་མཁན་ཞིང་པ་དབྱང་ཧྲ་ཧྲ་ཡིས་ཤིང་ཏོག་ཨ་མྲ་ཉི་མར་སྐེམ་བཞིན་པ།