ཡིག་རྒྱུགས་བཏང་ནས་སློབ་ལ་སྐུལ།

ཉེ་ཆར། བྲག་ཡིབ་ཆུས་ཀྱིས་ཡིག་རྒྱུགས་དང་གསལ་འགྲེལ་ཟུང་འབྲེལ་གྱིས་དཔྱད་ཞིབ་ཚོགས་ཆུང་བཙུགས་ཏེ་ཡུལ་དངོས་སུ་ལྟ་ཞིབ་དང་། སྙན་སེང་ཉན་པ། དཔྱད་ཡིག་འཚོལ་ཀློག དྲི་བར་ལན་འདེབས་པ་སོགས་ལ་བརྟེན་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དཔེ་སྟོན་བྱ་ཡུལ་བརྒྱ་ལ་གཅིག་སྡུད་ཐོག་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་བྱ་ཡུལ་གྱི་སྲོལ་གཏོད་ལས་དོན་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་སྒྲིག་བཀོད་དང་། ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་། ནུས་པ་འདོན་སྤེལ་ཐབས་ལམ། ཏང་ཡོན་སློབ་གསོ་དོ་དམ་དང་གྲོང་ཚོའི་གཅིག་སྡུད་དཔལ་འབྱོར་སོགས་ཀྱི་ནང་དོན་ལ་ཡུལ་དངོས་སུ་སྐར་མ་བརྒྱབ་པ་རེད། འདི་ནི་དཔྱད་ཞིབ་ཚོགས་ཆུང་གིས་བྲག་ཡིབ་ཆུས་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་ཡུལ་དངོས་སུ་དཔྱད་ཞིབ་བྱེད་བཞིན་པ།