མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་འཁྲབ་ལ་བལྟས་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས་པ།
ཟླ་10ཚེས་27ཉིན“བསམ་གྲུབ་རྩེ་ནས་ཕུལ་བའི་ཕྱག་རྟགས། བསམ་གྲུབ་རྩེའི་མངོན་མིན་རིག་གནས་ཤུལ་བཞག་ལྷ་སར་འགྲེམས་སྟོན་དང་འགྲེམས་འཁྲབ་ཀྱི་བྱེད་སྒོ”ལྷ་སའི་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་གཉེར་བ་རེད། བྱེད་སྒོ་ལས་བསམ་གྲུབ་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་རིག་གནས་འགྲེམས་སྟོན་དང་དར་སྤེལ་བཏང་སྟེ་གྲོང་མི་དང་ཡུལ་སྐོར་བས་ས་ཆ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་པར་བྱས་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།