“བོད་ལྗོངས་ཇོ་མོ་གླང་མ་པར་རིས་འགྲེམས་སྟོན་ཆེན་པོ་སྐབས་བཅུ་དྲུག་པའི”བརྩམས་ཆོས་བདམས་བཀོད།

འདི་ནི་འཁྱགས་རོམ་མཆོད་རྟེན་ཉི་མ་ཡིན་པ(གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ནས་པར་བརྒྱབ་པ)

འདི་ནི་ཀླུ་ནང་གི་སྟོན་མདངས་ཡིན་པ(ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་ནས་པར་བརྒྱབ་པ)

འདི་ནི་ཁྲུང་ཁྲུང་སྐེ་ནག་འཕུར་བཞིན་པ(ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནས་པར་བརྒྱབ་པ)

འདི་ནི་ཡར་འབྲོག་གཡུ་མཚོའི་ངོགས་ཡིན་པ(ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ནས་པར་བརྒྱབ་པ)
རྩོམ་སྒྲིག་པའི་སྦྲགས་མཆན།
2023ལོའི་ཟླ་དགུ་པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གོ་པར་རྒྱག་མཁས་ཅན་མཐུན་ཚོགས། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རོགས་གཉེར་བྱས་པའི“མཛེས་པའི་ས་མཐོ——རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པའི་བོད་ལྗོངས་ཇོ་མོ་གླང་མ་པར་རིས་འགྲེམས་སྟོན་ཆེ་མོ་སྐབས་བཅུ་དྲུག་པ”ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་གཉེར་ཞིང་། འགྲེམས་སྟོན་ཐོག་པར་རིས་278འགྲེམས་སྟོན་བྱས་པ་དེ་དག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འཐུས་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཁུལ། ལྗང་མདོག་འཕེལ་རྒྱས་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོང་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་སྔོན་བསྟར་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་ཐད་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཐོབ་པའི་གྲུབ་འབྲས་ཡག་པོ་མཚོན་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“བོད་ལྗོངས་ཇོ་མོ་གླང་མ་པར་རིས་འགྲེམས་སྟོན་ཆེ་མོ་སྐབས་བཅུ་དྲུག་པའི”བརྩམས་ཆོས་བདམས་བཀོད་བྱ་རྒྱུ་ཡིན་པས་ཀློག་པ་པོ་ཚོས་གཟིགས་གནང་ཡོད་པར་ཞུ།